སྲོལ་འཛིན་ལས་ཚན།

འཆར་སྣང་།

  • ཐུན་མོང་མ་ཡིན་པའི་ལམ་སྲོལ་གྱི་ངོ་རྟགས་ ཉམས་སྲུང་དང་སྲུང་སྐྱོབ། ཡར་རྒྱས་དང་དར་ཁྱབ་གཏང་ནི།

དམིགས་སྐྱེད།

  • དངོས་ཅན་དང་དངོས་མེད་ཀྱི་སྲོལ་རྒྱུན་ཚུ་ ཉམས་སྲུང་དང་སྲུང་སྐྱོབ། གོང་འཕེལ་དང་དར་ཁྱབ་གཏང་ནི།

ལཱ་འགན།

  • རྫོང་ཁག་དེ་ནང་ ལམ་སྲོལ་དང་འབྲེལ་བའི་ལས་སྣ་ཚུ་བརྩམ་ནི་དང་། འགོ་འདྲེན་འཐབ་ནི། ལྟ་རྟོག་འབད་ནི། ལམ་སྲོལ་དང་འབྲེལ་བའི་ཐོན་ཁུངས་ཚུ་འཛིན་སྐྱོང་འཐབ་སྟེ་ ཡུན་བརྟན་སྦེ་གནས་ཚུགསཔ་ངེས་བརྟན་བཟོ་ནི།