སྟོད་ཝང་རྒེད་འོག

སྟོད་ཝང་རྒེད་འོག་འདི་ ས་ཆ་ཁྱབ་ཚད་ཀྱི་སབ་ཁྲ་ལས་འགུལ་ ༢༠༡༠ ཅན་མ་དང་འཁྲིལཝ་ད་ ས་ཆ་ཀི་ལོ་མི་ཊར་གྲུ་བཞི་ ༤༡༥.༦༥ དང་། རྒྱ་མཚོའི་མཐའ་མ་ལས་ མི་ཊར་ ༡༢༥༠ ལས་ ༣༧༠༠ གྱི་བར་ན་ཡོདཔ་ཨིན། རྒེད་འོག་འདི་ནང་ ཁྱིམ་གུང་ ༤༥༤ དང་ ད་ལྟོ་མི་རློབས་ ༢༤༢༡ ཡོདཔ་ཨིན། རྒེད་འོག་འདི་ནང་ སྤྱི་འོག་ལྔ་ཡོད།

གནམ་དགུན་ལུ་བསིལ་བའི་ཁར་ གནམ་བྱཱར་ལུ་ རློན་གཤེར་ཅན་དང་དྲོ་ཏོག་ཏོ་སྦེ་ཡོད། རྒེད་འོག་འདི་ནང་ འབྲིང་རིམ་སློབ་གྲྭ་འོག་མ་གཅིག་དང་། སློབ་གྲྭ་ཆུང་བ་གཅིག། གཞི་རྟེན་གསོ་བའི་སྨན་ཁང་གཅིག། གྲོང་གསེབ་སྨན་ཁང་གཅིག། རང་བཞིན་སླར་འབྲུང་ཐོན་སྐྱེད་ལྟེ་བ་གཅིག། སྤྱི་དོན་ཁང་གཅིག། མི་སྡེ་ལྟེ་བ་གཅིག། དེ་ལས་ ཚ་ཆུ་གཅིག་ཡོདཔ་ཨིན། ཁྱིམ་གུང་ ༢༦༡ དེ་ཅིག་ལུ་གློག་མེ་དང་། བརྒྱ་ཆ་ ༩༡ དེ་ཅིག་ལུ་ ཉེན་སྲུང་ལྡན་པའི་འཐུང་ཆུ་བཏོན་ཡོདཔ་ཨིན། རྒེད་འོག་འདི་ནང་ སྤང་རྩེ་མར་ཁུ་འཐོནམ་ཨིནམ་དང་ མི་སེར་ཚུ་གིས་ མས་ཁུར་དང་ཆུམ་ཚུ་བཙོངས་ཏེ་ འོང་འབབ་བཟོཝ་ཨིན།  

མཐུན་རྐྱེན་དང་བརྡ་དོན་གྱི་གི་ཐད་ཁར་ རྒེད་འོག་འདི་ནང་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་ ༤༢.༩ དང་ སྤྲིང་ཟམ་གཅིག་ཡོད། སྟོད་ཝང་རྒེད་འོག་གི་མཐའ་ཟུར་གཡུས་ཚན་ཚུ་ཡང་ ལྟ་མི་དམ་ཆུ། ནདཔ་སྟེང་ཁ། ཆུ་བུ་ཚྭ་ཆུ། ཀེ་བ་ན་དང་ ཚྭ་ཆུ་ཕུ་ཚུ་ཨིན། རྒེད་འོག་འདི་ནང་ ལྷ་ཁང་བསྡོམས་ ༨ ཡོད།