ཤེལ་རྔ་ན-སྦྱེ་མི་རྒེད་འོག

ཤེལ་རྔ་ན་སྦྱེ་མི་རྒེད་འོག་འདི་ ས་ཆ་ཁྱབ་ཚད་ཀྱི་སབ་ཁྲ་ལས་འགུལ་ ༢༠༡༠ ཅན་ཆ་དང་འཁྲིལཝ་ད་ ས་ཆ་ཀི་ལོ་མི་ཊར་གྲུ་བཞི་ ༦༢.༤༣ དང་། རྒྱ་མཚོའི་མཐའ་མ་ལས་མི་ཊར་ ༡༤༨༠ ལས་ ༣༨༠༠ ཀྱི་བར་ན་ཡོདཔ་ཨིན། རྒེད་འོག་འདི་ནང་ ཁྱིམ་གུང་ ༢༨༤ དང་ ད་ལྟོ་མི་རློབས་ ༡༢༥༧ ཡོདཔ་ཨིན། རྒེད་འོག་འདི་ནང་ སྤྱི་འོག་ལྔ་དང་ཚོགས་པ་ལྔ་ཡོད། ཤེལ་རྔ་ན་སྦྱེ་མི་འདི་གིས་ བྱང་ཕྱོགས་ལུ་སྟོད་ཝང་དང་། ལྷོ་ཕྱོགས་ལུ་ ལིམ་མུ་ཁ་རྒེད་འོག་དང་དབང་འདུས་ཕོ་བྲང་རྫོང་ཁག། དེ་ལས་ ནུབ་ཕྱོགས་ལུ་ དོ་མི་རྒེད་འོག་གི་ས་མཚམས་ཚུ་དང་གཅིག་ཁར་མཐུད་དེ་ཡོདཔ་ཨིན། རྒེད་འོག་འདི་ནང་ གནམ་བྱཱར་ལུ་རློན་གཤེར་ཅན་དང་དྲོ་ཏོག་ཏོ་སྦེ་ དྲོད་ཤུགས་ ༣༠ °C དེ་ཅིག་ལྷོདཔ་ཨིན།

རྒེད་འོག་འདི་ནང་ ས་ཆ་བརྒྱ་ཆ་ ༦༠ ནགས་ཚལ་གྱིས་ཁྱབ་སྟེ་ཡོད། རྒེད་འོག་འདི་ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་གཅིག་དང་། གཞི་རྟེན་གསོ་བའི་སྨན་ཁང་གཅིག། འབྲིང་རིམ་སློབ་གྲྭ་འོག་མ་གཅིག། སྤྱི་དོན་ཁང་གཅིག། དེ་ལས་ ཁྱིམ་གུང་བརྒྱ་ཆ་ ༩༥  དེ་ཅིག་ལུ་ ཉེན་སྲུང་ལྡན་པའི་འཐུང་ཆུ་ཐོབ་ཡོདཔ་ཨིན། དེ་མ་ཚད་ རྒེད་འོག་འདི་ནང་ ལྷ་ཁང་བཞི་ཡོདཔ་ཨིན།