བརཔ་རྒེད་འོག་ནང་ མཚོ་བསྐོར་ན་དང་ ཆགས་ས། གཡུས་སུ་ཁ། གཡུས་བ་ཁ། དགའ་མ་ཁ་བཅས་ སྤྱི་འོག་ལྔ་ཡོད། དེ་ནང་ ཁྱིམ་གུང་ ༧༢༣ ཡོད། ས་ཆ་ཁྱབ་ཚད་ཀྱི་སབ་ཁྲ་ལས་འགུལ་ ༢༠༡༠ ཅན་མ་དང་འཁྲིལ་ ས་ཆའི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་ ༢༤.༦ དེ་ཅིག་ཡོདཔ་དང་ རྒྱ་མཚོའི་མཐའ་མ་ལས་ མཐོ་ཚད་མི་ཊར་ ༡༤༠༠ ལས་ ༡༨༠༠ ཀྱི་བར་ན་ཡོདཔ་ཨིན། རྒེད་འོག་འདི་ནང་ ལོ་བསྟར་གྱི་ཆརཔ་ མི་ལི་མི་ཊར་ ༥༠༠ ལས་ ༡༥༠༠ གི་རྩིས་རྐྱབ་ཨིན། རྒེད་འོག་འདི་ ས་ཁ་དམའ་སའི་ལུང་ཕྱོགས་ནང་ཚུདཔ་ཨིནམ་ལས་ གནམ་བྱཱར་ལུ་དྲོད་ཤུགས་ཡོད་པའི་ཁར་ སྤྱི་ཟླ་ ༦ པ་དང་ ༧ པ། ༨ པའི་ནང་ ཆརཔ་ཤུགས་རྐྱབ་སྟེ་རློན་གཤེར་སྦེ་སྡོདཔ་ཨིན་རུང་ གནམ་དགུན་ལུ་ བསིལ་དྲོད་རན་ཏོག་ཏོ་སྦེ་ཡོད།
རྒེད་འོག་འདི་ སྤུ་ན་ཁ་རྫོང་ཁག་ལས་ ཀི་ལོ་མི་ཊར་ ༡༢ དེ་ཅིག་ཁར་ མཐའ་ཉེ་བའི་རྒེད་འོག་ཅིག་ཨིན། རྒེད་འོག་འདི་ནང་ དངུལ་ཐོག་གཙོ་བོ་ རེད་ཨིནམ་དང་ དེའི་འོག་ལས་ར་ སེར་ཁའི་ཀར་འདི་ཨིན། ཁྱིམ་གུང་མང་ཤོས་ར་ ཤིང་འབྲས་དང་ཚོད་བསྲེ། ཆུམ་ཚུ་བཙོང་མི་ལས་ དངུལ་གྱི་འོང་འབབ་བཟོཝ་ཨིན། ལོག་པའི་ས་གི་ལུང་གཤོང་བཅད་ཅན་འདི་གིས་ སོ་ནམ་འཕྲུལ་འགྱུར་གྱི་གོ་སྐབས་ཚུ་ལུ་ཕན་ཐབས་འབདཝ་ཨིན། མི་སེར་ཚུ་གིས་ གསོ་བའི་ཞབས་ཏོག་ཚུ་ སྤུ་ན་ཁ་དང་དབང་འདུས་ཕོ་བྲང་། ཐིམ་ཕུག་ཚུ་ནང་ལས་ལེན་དོ་ཡོདཔ་དང་ ལོག་པའི་ས་ལུ་ཡོད་མི་ ཡན་ལག་སྨན་ཁང་འདི་གིས་ གཞི་རྟེན་གསོ་བའི་གཅེས་སྐྱོང་་ཚུ་བརྩིས་ཏེ་ ཨའི་དང་ཨ་ལུའི་འཕྲོད་བསྟེན་ཞབས་ཏོག་ཚུ་བྱིནམ་ཨིན། རྒེད་འོག་ནང་ལྷང་ཁང་ ༧ ཡོད།