དཀར་སྦི་ས་རྒེད་འོག

དཀར་སྦི་ས་རྒེད་འོག་འདི་ ས་ཆ་ཁྱབ་ཚད་ཀྱི་སབ་ཁྲ་ལས་འགུལ་ ༢༠༡༠ ཅན་མ་དང་འཁྲིལ་ ས་ཆའི་རྒྱ་ཚད་ཀི་ལོ་མི་ཊར་གྲུ་བཞི་ ༢༠༦ དང་། རྒྱ་མཚོའི་མཐའ་མ་ལས་མཐོ་ཚད་མི་ཊར་ ༡༣༠༠ ལས་ ༡༨༠༠ གི་བར་ན་ཡོདཔ་ཨིན། རྒེད་འོག་འདི་ནང་ ཁྱིམ་གུང་ ༤༤༧ དང་ མི་རློབས་ ༢༣༦༡ དེ་ཅིག་ཡོད། རྒེད་འོག་འདི་ནང་ སྤྱི་འོག་ལྔ་དང་ཚོགས་པ་ལྔ་ཡོད།

རྒེད་འོག་འདི་ནང་ ས་བཅུད་ཅན་ཡོདཔ་ལས་ འབྲུ་སྣ་ག་ར་འཚོཝ་ཨིནམ་དང་ ཚལ་ལུ་དང་ཀེ་བ་མངརམོ་ཚུ་ དངོས་ཐོག་སྦེ་བཙུགསཔ་ཨིན། གཞིས་ཆགས་མང་ཤོས་ཅིག་ར་ མོ་ཆུ་གི་གཡས་ཁ་ཐུག་ལུ་ཆགས་ཡོདཔ་ཨིན། ས་ཁ་དམའ་བའི་བསིལ་དྲོད་དང་ ས་ཆའི་ཆགས་ཐངས་ལེགས་ཤོམ་ཡོད་མི་འདི་གིས་ སོ་ནམ་འཕྲུལ་འགྱུར་གྱི་གོ་སྐབས་ལེགས་ཤོམ་ཡོད། རྒེད་འོག་འདི་ནང་ སྣུམ་འཁོར་ལམ་གྱི་མཐུད་སྦྲེལ་ཡོད། མཐའ་ཟུར་གྱི་གཡུས་ཚན་ཚུ་ཡང་ རང་རི་ཁ་དང་སྟོང་བཞུགས་ན། ཧོ་ཀ་མཚོ་ཚུ་ཨིན།

 

རྒེད་འོག་འདི་ནང་ གཞི་རྟེན་གསོ་བའི་སྨན་ཁང་གཅིག་དང་ གྲོང་གསེབ་སྨན་ཁང་གཅིག། རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་གཅིག། རྒྱ་སྐྱེད་སློབ་ཁང་གཉིས། འབྲིང་རིམ་སློབ་གྲྭ་བར་མ་གཅིག། སྤྱི་ཁང་གཅིག། དེ་ལས་ མི་སྡེ་ལྟེ་བ་གཅིག་ཡོད། ཁྱིམ་གུང་བརྒྱ་ཆ་ ༩༢ དེ་ཅིག་ལུ་ ཉེན་སྲུང་ཅན་གྱི་འཐུང་ཆུ་བཏོན་ཡོདཔདང་། རྒེད་འོག་འདི་ནང་ ལྷ་ཁང་བསྡོམས་དྲུག་ཡོད།

 

གཙུག་སྡེ།

ལས་གཡོགཔ

བལྟ་བཤལ།