གུ་མ་རྒེད་འོག་ནང་ སྤྱི་འོག་ ༥ གི་ མི་སེར་ཚུ་གི་དོན་ལས་ རྒྱལ་ཡོངས་ཆུའི་ལས་འགུལ་ གསར་བསྒྲུབས་འབད་མི་དེ་ འགོ་འབྱེད་ཐོག་ལས་ ས་གནས་གཞུང་ལུ་ རྩིས་སྤྲོད་གནང་ནུག།

Sat, 25 September 2021

སྤྱི་ཟླ་ ༩ པའི་ཚེས་ ༢༥ ལུ་ མི་དབང་རྒྱལ་སྲསམོ་ འཆི་མེད་གཡང་འཛོམས་དབང་ཕྱུག་མཆོག་གིས་ སྤུ་ན་རྫོང་ཁག་ གུ་མ་རྒེད་འོག་ནང་ སྤྱི་འོག་ ༥ གི་ མི་སེར་ཚུ་གི་དོན་ལས་ རྒྱལ་ཡོངས་ཆུའི་ལས་འགུལ་ གསར་བསྒྲུབས་འབད་མི་དེ་ འགོ་འབྱེད་ཐོག་ལས་ ས་གནས་གཞུང་ལུ་ རྩིས་སྤྲོད་གནང་ནུག།

དེ་ཡང་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལས་ བདེ་སྲུངཔ་ཚུ་གིས་ ཁས་བླངས་ཐོག་ལས་ བདེ་སྲུང་རྒྱལ་ཡོངས་ཆུའི་ལས་འགུལ་ འགོ་འདྲེན་འཐབ་མི་དེ་ འགོ་དང་པ་ཨིནམ་ད་ ལས་འགུལ་དེ་ནང་ བདེ་སྲུངཔ་ ༧༠ ལྷགཔ་ཅིག་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པའི་ གནས་ཚུལ་མདོར་བསྡུས།