རང་ཟླ་ ༣ པའི་ཚེས་ ༡༠ ལུ་ གཞུང་འབྲེལ་སྦེ་ལོ་བསྟར་བཞིན་དུ་ ཞབས་དྲུང་སྐུ་མཆོད་བརྩི་སྲུང་ཞུ་སྲོལ་ཡོདཔ་ལས་ སྔོན་འགྲོའི་ཆོ་ག་འདི་ཡང་ ད་རིས་ལས་འགོ་བཙུགས་ཡོདཔ་ཨིན།

09 May 2022

དུས་ཅི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ གཞུང་གྲྭ་ཚང་དབུ་བརྙེས་ཏེ་ མི་ལོ་ ༤༠༠ འཁོར་བའི་དུས་སྟོན་བརྩི་སྲུང་ཞུ་ནི་གི་དོན་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ ད་རིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ལུ་ ཕེབས་གནང་ཡི།

རང་ཟླ་ ༣ པའི་ཚེས་ ༡༠ ལུ་ གཞུང་འབྲེལ་སྦེ་ལོ་བསྟར་བཞིན་དུ་ ཞབས་དྲུང་སྐུ་མཆོད་བརྩི་སྲུང་ཞུ་སྲོལ་ཡོདཔ་ལས་ སྔོན་འགྲོའི་ཆོ་ག་འདི་ཡང་ ད་རིས་ལས་འགོ་བཙུགས་ཡོདཔ་ཨིན། ལས་རིམ་འདི་ཁར་ གཞུང་གི་ཁྱད་པར་འཕགས་པའི་དཔོན་ཁག་ཚུ་དང་ བློན་པོ་བགྲེསཔ་ཚུ་གིས་ གྲལ་ཁར་གཏོགས་གནང་ཡོདཔ་ཨིན།

Source: Zhung Dratshang གཞུང་གྲྭ་ཚང་། Central Monastic Body of Bhutan