ཁམས་གསུམ་གཡུ་ལས་རྣམ་རྒྱལ་མཆོད་རྟེན།

སྤུ་ན་ཁ་རྫོང་ལས་ མོ་ཆུ་བདའ་སྟེ་ཁ་ཡར་ལྟ་འགྱོཝ་ད་ ཆུ་ཕར་ཁའི་སྒང་ཏོ་ཅིག་གུར་ ཁམས་གསུམ་གཡུ་ལས་མཆོད་རྟེན་འདི་ འོད་ཆེམ་ཆེ་སྦེ་མཇལ་ཚུགས། རྫོང་ལས་ བྱང་ཤར་ཁ་ཐུག་ལུ་ ཀི་ལོ་མི་ཊར་བདུན་གྱི་ས་ཁར་ བང་རིམ་ཅན་གྱི་མཆོད་རྟེན་ མི་ཊར་ ༣༠ འབད་མི་འདི་ཡོདཔ་ཨིན། མཆོད་རྟེན་འདི་ ནང་པ་སངས་རྒྱས་པའི་རྡོ་རྗེ་ཐེག་པའི་དེབ་ཐེར་ལས་ སྔར་སྲོལ་གྱི་རིས་མོ་ཚུ་གིས་བརྒྱན་ཏེ་ ཐོག་གསུམ་སྦེ་ཡོད། རིས་མོ་དེ་ནང་ ཆོས་སྐྱོང་སྲུང་མ་ཅིག་ སྤུ་ཐར་ཐོར་སྦེ་ཡོད་མི་མི་རྒོད་ ཁ་མདོག་རྒྱ་སྨུག་འབད་མི་ཅིག་གུར་བཞོན་ཏེ་ཡོད་མི་ཅིག་ཡང་ བྲིས་གནང་སྟེ་ཡོད།

 

མཆོད་རྟེན་ལུ་འགྱོ་སའི་གྱེན་གཟར་དྲགས་འདི་གུར་ མ་འཛེགས་པའི་ཧེ་མ་ འཁོར་ལམ་གྱི་སོ་ཁ་ལས་སྦེ་ མོ་ཆུ་གི་ཟམ་འདི་བརྒལ་དགོཔ་ཨིན། དྲོ་པ་རླུང་བསིལ་ལྡན་ཏོག་ཏོ་སྦེ་ཡོད་པའི་སྐབས་ དེ་ཁར་བྱོན་ཏེ་ ཁྱེད་རའི་དབུགས་བག་ཕེབས་ཏོག་ཏོ་སྦེ་བཞག་ཞིནམ་ལས་ ཧོ་ལྗོངས་ལྗོངས་སྦེ་ཡོད་མི་ མོ་ཆུ་གི་ལུང་གཤོང་གི་མཐོང་སྣང་མཛེས་ཏོག་ཏོ་ཚུ་གཟིགས་པར་འབྱོན་གནང་།

 

Source: https://mybhutan.com/explore/punakha/khamsum-yulley-namgyal-chorten

Image source: https://www.pinterest.com/