སྤུངས་ཐང་ཁ་རྫོང་ཁག་གི་ ས་གནས་གཞུང་༣ པའི་འཐུས་མི་ཚུ་ལུ་ ཉིམ་ ༣ གི་གོམམ་འདྲིས་སྦྱོང་བརྡར་ལས་རིམ་འདི་ དབྱིན་ཟླ་༤ པའི་དབྱིན་ཚེས་༡༣ ལས་ ༡༥ ཚུན་ འགོ་ དྲན་འཐབ་འདི་ཡོདཔ་ཨིན།
གོམས་འདྲིས་སྦྱོང་བརྡར་ལས་རིམ་ནང་ རྒེད་འོག་༡༡ གི་རྒདཔ་ དམངས་མི་ ཚོགས་པ་ དང་ཁྲོམ་སྡེ་འཐུ་མི་ ཚུ་གི་བཅའ་མར་བཏོགས་འདི་ཡོདཔ་ཨིན། འདི་བཟུམ་གི་ལས་རིམ་འགོ་དྲན་འཐབ་དགོ་པའི་དམིགས་ཡུལ་ངོ་མ་ར་ ས་གནས་གཞུང་གི་འཐུས་མི་ཚུ་གི་འགན་ཁུར་དང་ འགན་ཁྲི་ དེ་ལས་ རྒེད་འོག་གོང་འཕེལ་གི་ འཆར་གཞི་དང་ ལས་རིམ་ཚུ་ ག་དེ་འབད་རང་ཡོདཔ་ཨིན་ན་ཚུ་ གོ་རྟོགས་འབད་ཡོདཔ་ཨིན།
ལས་རིམ་འདི་ནང་ སྡེ་ཚན་ཁ་གི་འགོ་དཔོན་ཚུ་གིས་ རང་ར་སོ་སོའི་སྡེ་ཚན་གྱི་ལས་རིམ་ ལཱ་འགན་དང་འགན་ཁུར་ དེ་མ་ཚད་ སའི་བཅའ་ཁྲིམས་ ༢༠༠༧ དང་ ས་ཆ་གླ་སྤྱོད་བཅའ་ཡིག་དང་སྒྲིག་གཞི་ ༢༠༡༨ ཅེན་མ་དང་ ཞབས་ཏོག་གླ་ཆའི་ལམ་ལུགས། རང་བཞིན་གནས་སྟངས་བརྟག་ཞིབ་འབད་ཐངས་ ཆུ་དང་ཕྱགས་སྙིགསའཛིན་སྐྱོང་། ས་གནས་གོང་འཕེལ་འཆར་གཞིའི་ལག་དེབ་ འཆར་གཞི་ ༡༢ པ་དང་ རང་སོའི་འགན་འཁུར་ བསྐྱར་བགོའི་བཀོད་ཁྲམ། འཆར་དངུལ་ དངུལ་འབྲེལ་གནད་དོན་ འགྲུལ་འཐུས་ཉིན་འཐུས་ ཨི་དྲེས་ རིམ་ལུགས། ས་གནས་གཞུང་གི་འཐུས་མིའིའགན་འགན་ཁུར་དང་ འགན་ཁྲི ༼ རྫོང་ཁག་དང་ རྒེད་འོག་ཚོགས་སྡེ་ སྤྱི་འོག་འཛོམས་བསྡུའི་སྐོར༽ ས་གནས་གཞུང་གི་ཐོབ་ཐངས་བཅའ་ཁྲིམས་ ༢༠༡༨། ཤེས་རིག་འབྲེལ་བའི་སྲིད་བྱུས་བསྐྱར་བཟོ་མཛད་ཡོད་མི་ཚུ་གི་ ལག་ལེན སློབ་གྲྭ་ ཞི་རྟེན་ཤེས་ཡོན་ མི་སྡེའི་ལྷབ་སྦྱང་ལྟེ་བ། ས་ནམ་འབྲེལ་བའི་སྲིད་བྱུས་དང་ ཞབས་ཏོག། སྒོ་ནོར་འབྲེལ་བའི་ཞབས་ཏོག། མི་མང་གསོ་བའི་རིམ་ལུགས་དང་ འཕྲལ་གྱི་གནས་སྟངས། མཁོ་གྲུབ་འབྲེལ་བའི་བཅའ་ཡིག་དང་ སྒྲིག་གཞི་བསྐྱར་བཟོ་འབད་ཡོད་མི་དང་ གཞན་མཁོ་གྲུབ་འབྲེལ་བའི་གསལ་བསྒྲགས། བྲུག་ཁྱིམ་ བཟོ་བསྐྲུན་བཅའ་ཡིག་དང་སྒྲིག་གཞི་ གྲོང་གསེབ་སྒྲིང་ཁྱིམ་བཟོ་བསྐྲུན། སྤུ་ན་ཁ་རྫོང་གི་གཞི་བཀོད་དང་འཛིན་སྐྱོང་འཆར་གཞི།། ཞི་བའི་མི་རྩིས་འབྲེལ་བའི་གནད་དོན། བརྡ་དོན་ཞབས་ཏོག། ས་གནས་གཞུང་གི་གནས་ཚད་ཁར་ སྡུག་སྐད་ རྩོད་ཉོག་གསལ་ཐབས་ཀྱི་རིམ་ལུགས། རང་གཡོག་ལག་དེབ་དང་ ས་གནས་གཞུང་གི་རྒྱུ་དངོས་གསོལ་བཏོན་སྐོར། ཚུ་ཁ་བསལ་འབད་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་ལུ་གསལ་ཞུ་འབད་འདི་ཡོདཔ་ཨིན།
དེ་མ་ཚད་ ལུང་ཕྱོགས་ཁ་གི་འགོ་དཔོན་ཚུ་གིས་ སྲུང་སྐྱོང་འབྲེལ་བའི་གནད་དོན- འགག་སྡེ་དང་ ས་གནས་གཞུང་གི་འགོ་ཁྲིདཔ་ཉམས་འབྲེལ- ཁྲིམས་འགལ་ལས་སྣ་བཀག་དམ་འབྲེལ་བའི་གོ་བ་བརྡ་སྤྲོད། རྐྱེན་ངན་འཛིན་སྐྱོང་- སྙན་ཞུ་ དབྱ་ཞིབས་ བསྐྱར་བཟོ ཚུ་གི་སྐོར་ལས་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་ལུ་གསལ་ཞུ་འབད་འདི་ཡོདཔ་ཨིན།
?>