སྤུ་ན་ཁ་རྫོང་ཁག་གི་གཞུང་གྲྭ་ཚང་ཕེབས་བསུ་ཞུ་བ།

16 November 2020

རང་ཟླ་༡༠ པའི་ཚེས་ ༡ ལུ་ རྡོ་རྫེ་སློབ་དཔོན་མཆོག་གི་དབུ་གཙོ་པའི་ གཞུང་གྲྭ་དགེ་འདུན་གྲྭ་ཚང་ གནམ་དགུན་གྱི་ཞུགས་གནས་ སྤུངས་ཐང་ཁ་ལུ་གསོལ་ཐབ་ཕེབས་གནང་ཡོདཔ་ཨིན།

ཟླ་ངོ་ ༦ གནམ་བྱཱར་གྱི་ཞུགས་གནས་ཐིམ་ཕུག་བཀྲིས་ཆོས་རྫོང་ནང་བཞུགས་པའི་ཤུལ་ ད་རེས་ནང་རྟེན་ཚུ་དང་སྦྲགས་ཏེ་གཞུང་གྲྭ་ཚང་སྤུ་ན་ཁ་ལུ་ཕེབས་གནང་ཡི།  ཟླ་ངོ་ ༦ གནམ་དགུན་ཀྱི་ཞུགས་གནས་སྤུངས་ཐང་ཁ་ལུ་བཞུགས་པའི་ཤུལ་ རང་ཟླ་ ༤ པའི་ཚེས་ ༡ ལུ་ ལོག་གནམ་བྱཱར་གྱི་བཞུགས་གནས་ ཐིམ་ཕུ་ལུ་བྱོན་གནང་སྲོལ་ཡོདཔ་ཨིན། 

སྔོན་མ་འབད་བ་ཅིན་ རང་ཟླ་༩ པའི་ཚེས་ ༣༠ ལུ་ཐིམ་ཕུག་ལས་སྤུངས་ཐང་ཁ་ལུ་གསོལ་ཐབ་འབྱོན་ཏེ་ གདུང་ཞག་འཕྲིན་ལས་སྒང་ལུ་བཞུགས་ཡོདཔ་ཨིན་རུང་ དུས་ཅི་ནད་ཡམས་ཀོ་བིཊ་གི་གསོ་བའི་ལམ་ལུགས་དང་འཁྲིལ་  གསོལ་ཐབ་དགུང་ཞག་འཕྲིན་ལས་སྒང་ལུ་མ་བཞུགས་པར་ ཕྲང་་ཕྲང་ས་རང་སྤུངས་ཐང་ཁ་ལུ་བྱོན་གནང་ཡི།