ས་སྟོང་གསལ་བསྒྲགས།

Notification Period:
10 September 2021
To
24 September 2021

སྤུ་ན་ཁ་རྫོང་ཁག་བདག་སྐྱོང་གི་ གཡོག་རྣམ་པ་སྣ་ཚོགས་ཀྱི་ས་སྟོང་གསལ་བསྒྲགས་འབདཝ་ཨིན། དེ་འབདཝ་ལས་ དང་འདོད་ཅན་གྱི་མི་ངོ་ (སྐྱེས་ལོ་ ༡༨-༤༥ ནང་འཁོད་འབད་མི) འོས་འབབ་ཅན་ཚུ་གིས་ རྫོང་ཁག་བདག་སྐྱོང་མི་སྟོབས་ཡིག་ཚང་ནང་ དབྱིན་ཚེས་༢༤/༠༩/༢༠༢༡ ཡང་ན་དེ་གི་ཧེ་མ་བཙུགས་གནང་།  གློག་རིག་ཐོག་གི་ཡིག་འཕྲིན་ཞུ་ཡིག་ཚུ་ངོས་ལེན་མི་འབད།

  ༡- གཡོག་གི་ཞུ་ཡིག་འབྲི་ཤོག་དང་མཉམ་གཅིག་ འོག་ལུ་བཀོད་དེ་ཡོད་མི་ཡིག་ཆ་ཚུ་ཡང་ཕུལ་ནི། 
  ༢- ཞི་གཡོག་ལྷན་ཚོགས་ཀྱི་གཡོག་གི་འབྲི་ཤོག་ ༤/༡
  ༣- ཆ་གནས་ཡོད་པའི་གསོ་བའི་ལག་ཁྱེར།
  ༤- ཆ་གནས་ཡོད་པའི་ཉེན་སྲུང་ལག་ཁྱེར།

  ༥- ངོ་སྤྲོད་ལག་ཁྱེར་འདྲ་པར།
  ༦- ཉོག་མེད་ལག་ཁྱེར་ གལ་སྲིད་ སློབ་རིག་ལག་ཁྱེར། (སློབ་རིམ་ ༡༠ སློབ་རིམ་ ༡༢ དང་གཙུག་ལག་ཤེས་ཚད་སྐུགས་ཁྲམ་དང་ལག་ཁྱེར)

 

ཁ་གསལ་སྦེ་མཁྱེན་ནི་དོན་ལུ་ རྫོང་ཁག་མི་སྟོབས་སྡེ་ཚན་དང་གཅིག་ཁར་ བརྒྱུད་འཕྲིན་ཨང་ ༠༢༔༥༨༤༡༢༡/༥༨༤༥༣༤ ནང་འབྲེལ་བ་འཐབ་གནང་།

ཁ་གསལ་གནས་ཚུལ་དོན་ལུ་འོག་གི་ཡིག་ཆ་འདི་ཕབ་ལེན་མཛད་གནང་།

 

Attachment Size
Vacancy Announcement.pdf 993.55 KB