ལོ་བསྟར་གནང་སྲོལ་ཡོད་པའི་ སྤུངས་ན་ཁའི་སྒྲོམ་མཆོད་འདི་ ད་རིས་མཇུག་བསྡུ་ཡོདཔ་ཨིན།

Fri, 11 March 2022
སྤུངས་ན་ཁའི་ རྫོང་ནང་།

ལོ་བསྟར་གནང་སྲོལ་ཡོད་པའི་ སྤུ་ན་ཁའི་སྒྲོམ་མཆོད་འདི་ རང་ཟླ་དང་པའི་ཚེས་ ༧ ལས་ ༩ ཚུན་ ཉིན་གྲངས་གསུམ་གྱི་རིང་གནང་མི་འདི་ ད་རིས་ མོ་ཆུ་ནང་ནོརབུ་བཤགས་ཏེ་ མཇུག་བསྡུ་ཡོདཔ་ལས་ དེ་གི་མཛེས་སྣང་མདོར་བསྡུས་ཅིག་ དད་ལྡན་འབྲུག་མི་ཡོངས་ལུ་ གཟིགས་འབུལ་ཕུལཝ་ཨིན། སྤུ་ན་ཁའི་སྒྲོམ་མཆོད་འདི་ སྤྱི་ལོ་ ༡༦༣༩ ལུ་ མཐུ་ཆེན་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ སྲོལ་བཙུགས་གནང་ཡོདཔ་དང་ སྒྲོམ་མཆོད་འདི་ཁར་ སྤྱིར་བཏང་འཆམ་རིགས་ཀྱི་མཇལ་ཁ་གནང་བ་གིས་མ་ཚད་ རྫོང་ཁག་གཞན་ཁར་མེད་པའི་ རྒྱལ་རབས་ཀྱི་ཁུངས་བཙན་ཨིན་པའི་ དཔའ་གཟརཔ་གི་སྲོལ་འདི་ ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ནི་ཡོདཔ་ཨིན།

དཔའ་གཟརཔ་གི་སྲོལ་འདི་ཡང་ སྔོན་མ་ཆོས་སྲིད་ལུགས་གཉིས་ཀྱི་བསྟན་སྲིད་ལུ་ བོད་དང་སོག་ཡུལ་ དེ་ལས་ནང་ནའི་དགྲ་ཚུ་ལས་ ཉེན་འཚུབ་བྱུང་པའི་སྐབས་ལུ་ ཝང་ཚོ་ཆེན་བརྒྱད་ཀྱི་མི་སེར་ཚུ་གིས་ ཁས་བླངས་ཐོག་ལས་ཕྱག་ཕྱིད་ཞུ་བར་འོངམ་ད་ དཔལ་ལྡན་འབྲུག་པའི་བཀའ་སྲུང་ དཔལ་ཡེ་ཤེས་མགོན་པོ་དང་ དཔལ་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ཕྱི་ནང་དགྲ་ཡི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་ བསྟན་པ་སྲུང་བའི་དམག་དཔོན་སྦེ་ བྱིན་གྱིས་བརླབས་པའི་དཔའ་བོ་ཨིན། དཔའ་གཟརཔ་ཚུ་ གཟུགས་ཁར་དགྲ་ཆས་ཆ་ཚང་གྱོན་ཏེ་ འཇིགས་གྲགས་ཆེ་སི་སི་གི་རྣམ་འགྱུར་སྟོན་རུང་ དེ་ཚུ་བསྟན་པ་ལུ་གནོད་པའི་དགྲ་བོ་ཚུ་ ཟིལ་གྱིས་གནོན་ཐབས་ལུ་མ་གཏོགས་ ནང་ལས་བྱང་ཆུབ་སེམས་དཔའ་ཨིན། ཁོང་ཚུ་སྤྲུལ་པའི་དམག་མི་ཟེར་ སླབ་སྲོལ་ཡོདཔ་ལས་ བློ་ཁོག་ཆེ་གྲགས། ཐབས་ཤེས་མཁས་དྲགས། དགྲ་དང་གདོང་ཐུག་འཕྱད་ནིའི་དཔུང་ཆེ་བ། དམ་ཚིག་གཙང་བའི་དཔའ་བོ་འབདཝ་ལས་ རང་གི་སྲོག་བློས་གཏང་སྟེ་ བྱང་ཕྱད་བཏགས་སར་བཀལ་ཚུགས་མི་ཅིག་སྦེ་ ཆ་བཞགཔ་ཨིན། དེ་འབདཝ་ལས་ ད་རེས་ནངས་པའི་དུས་ལུ་ཡང་ ཞབས་དྲུང་རིན་པོ་ཆེ་མཆོག་དང་ དཔའ་གཟརཔ་ཚུ་གི་རྗེས་དྲན་ལུ་ སྤུ་ན་ཁའི་སྒྲོམ་མཆོད་ཀྱི་སྐབས་ལུ་ དམིགས་བསལ་སྦེ་རང་ དཔའ་གཟརཔ་གི་སྲོལ་འདི་ གསལ་སྟོན་གནང་སྲོལ་ཡོདཔ་ཨིན།

 

PC:Zhung Dratshang གཞུང་གྲྭ་ཚང་།

3rd day

3rd day

3rd day

3rd day

3rd day3rd day

3rd day