མི་དབང་རྒྱལ་སྲས་ཨོ་རྒྱན་དབང་ཕྱུག་མཆོག་གི་ དགུང་ལོ་གཉིས་བཞེས་པའི་ འཁྲུངས་སྐར་དགའ་སྟོན་གྱི་ཉིམ།

19 March 2022

ད་རིས་ མི་དབང་རྒྱལ་སྲས་ཨོ་རྒྱན་དབང་ཕྱུག་མཆོག་གི་ དགུང་ལོ་གཉིས་བཞེས་པའི་ འཁྲུངས་སྐར་དགའ་སྟོན་གྱི་ཉིནམ་ལུ་ སྤུངས་ན་ཁ་རྫོང་ཁག་བདག་བསྐྱོང་ གཞུང་གྲྭ་ཚང་ ལུང་ཕྱོགས་ཡིག་ཚང་དང་ སྤུངས་ཁ་གི་མི་སེར་ཡོངས་ཀྱི་ཁ་ཐུག་ལས་ དད་དམ་ལྷོད་མེད་ཀྱི་སྒོ་ལས་ བཀྲ་ཤིས་བདེ་ལེགས་ཕུལཝ་ཨིན་ལགས། མི་དབང་རྒྱལ་སྲས་མཆོག་ སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་དང་ ཞི་བདེ་དང་སྐྱིད་པའི་སྒོ་ལས་ བཞུགས་ནིའི་བཀྲ་ཤིས་སྨོན་ལམ་ཡང་ འབུམ་ཕྲག་སྦེ་ གུས་པའི་སྒོ་ལས་ཕུལཝ་ཨིན་ལགས།

འཁྲུངས་སྐར་བཀྲ་ཤིས་བདེ་ལེགས་ལགས།

Gyalsey