རྫོང་ཁག་ཚོགས་འདུ་ཐེངས་ ༤ པ།

13 March 2019

སྤུ་ན་ཁ་རྫོང་ཁག་གི་ ས་གནས་གཞུང་ཐེངས་༢ པའི་བཙག་འཐུ་གྲུབ་པའི་འཐུས་མི་ཚུ་དང་ཅིག་ཁར་ རྫོང་ཁག་ཚོགས་འདུ་ཐེངས་ ༤ འགོ་བཙུགས་གནང་ཡི། འཐུས་མི་ཚུ་གི་རྫོང་ཁག་ཚོགས་འདུ་ཐེངས་ ༣ པའི་གནོད་དོན་དང་ཐོན་འབྲས་ དེ་ལས་ལས་ཁུངས་ཁག་སོ་སོ་ལས་ལྷོད་པའི་གྲོས་གཞི་ཚུ་གི་གསུང་གྲོས་ཚུ་གནང་ནི་ཨིན། ལྷག་པར་དུ་འཐུས་མི་ཚུ་གིས་ ཤེས་རིག་ སྣུམ་འཁོར་ལམ་བཟོ་སྐྲུན་ ཆོས་དང་ལམ་སྲོལ་ ཁུ་རུ་ཐང་ཁྲོམ་ ནགས་ཚལ་ཞབས་ཏོག་ ས་གཞི་ གསོ་བ་དང་ སྤྱིར་བཏང་གནད་དོན་ཚུ་ཐོག་ལུ་ཡང་གསུང་གྲོས་གནང་ནི་ཨིན།

ཁྲི་འཛིན་བསམ་གཏན་ཕུན་ཚོགས་ ཤེལ་ལྔ་རྒེད་འོག་གི་སླབ་མི་ནང་ ཚོགས་ཐེངས་འདི་སྤུ་ན་སྒྲོམ་མཆོད་དང་ཁ་ཐུག་རྐྱབ་ལས་འཕྱིས་སི། ད་རེས་ཀྱི་ཚོགས་ཐེངས་འདི་ནང་ ཆར་ལོ་ ༢༠༡༩-༢༠༢༠ དང་ ལོ་ལྔ་ཆར་གཞི་ ༡༢ པའི་ཆར་དངུལ་ཚུ་ཆ་འཇོག་མཛད་ནི་དང་ བཙག་འཐུ་གྲུབ་པའི་གཞུང་གསརཔ་གི་ ཁས་བླངས་འབད་མི་ཚུ་ཆར་གཞི་ནང་བཙུགས་སྟེ་ཆ་འཇོག་གྲུབ་ནི་ཨིན། 

ཚོགས་འདུ་འདི་ གཟའ་པ་སངས་དབྱིན་ཚེས ༡༤-༣-༢༠༡༩ ལུ་མཇུག་བསྡུ་ནི་ཨིན།