རྫོང་ཁག་ཚོགས་འདུ་ ཐེངས་༩་པའི་ཞལ་འཛོམས།

16 September 2021

ད་རེས་ སྤུ་ན་ཁ་རྫོང་ཁག་གི་ ས་གནས་གཞུང་ཐེངས་གཉིས་པའི་བཙག་འཐུ་ལས་བསྒྲུབ་པའི་འཐུས་མི་ཚུ་གིས་ རྫོང་ཁག་ཚོགས་འདུ་ ཐེངས་༩པའི་ཞལ་འཛོམས་འགོ་འདྲན་འཐབ་འདི་ཡོདཔ་ཨིན།  ཞལ་འཛོམས་འདི་རྫོང་ཁག་ཚོགས་འདུ་གི་འཕྲི་འཛིན་གྱི་དབུ་ཕྲིད་ཐོ་  དྲགོས་རྫོང་བདག་དང་དྲགོས་རྫོང་རབ་གོམ་གཉིས་ཀྱི་ངོ་འཛོམས་ལུ་ འཐུས་མི་ཚུ་གི་ རྫོང་ཁག་ཚོགས་འདུ་ཐེངས་༨པའི་གནད་དོན་དང་གྲུབ་འབྲས་ཚུ་བསྐྱར་ཞིབ་འབད་བའི་ཁར་ མཐུས་མི་རང་ར་སོ་སོ་ཀྱི་ གྲོས་གཞི་ཕུལ་མི་ཚུ་  གྲོས་བསྡུར་འབྱུང་འདི་ཡོདཔ་ཨིན།

ཞལ་འཛོམས་འདི་ནང་  ཕྱི་འབྲེལ་བློན་པོ་ ཌོག་ཊར་ རྟ་མགྲིན་རྡོ་རྗེདང་  ཚོགས་དཔོན་འོག་མ་ བཙན་སྐྱོགས་དབང་འདུས  དེ་ལས་ཆེད་བསྟོད་ཅན་གྱི་འཐུས་མི དྲ་ཤོས་ལྷ་སྐྱིད་སྒྲོལ་མ་ཡང་ ལྟ་རྟོག་པ་སྦེ་ཞུ་འདི་ཡོདཔ་ཨིན།