སྐྱབས་མགོན་རྡོར་སློབ་ཀུན་ལེགས་ཀྱིས་དབུ་ཁྲིད་མཛད་དེ་ གཞུང་གྲྭ་ཚང་ལྟེ་བའི་དགེ་སློང་ཚུ་ དགུན་གྱི་བཞུགས་གནས་སྤུ་ན་ཁ་ལུ་ཕེབས་གནང་ཡི།

05 November 2021

ད་རིས་ རང་ཟླ་ ༡༠ པའི་ཚེས་ ༡ ལུ་ སྐྱབས་མགོན་རྡོར་སློབ་ཀུན་ལེགས་ཀྱིས་དབུ་ཁྲིད་མཛད་དེ་ གཞུང་གྲྭ་ཚང་ལྟེ་བའི་དགེ་སློང་ཚུ་ དགུན་གྱི་བཞུགས་གནས་སྤུ་ན་ཁ་ལུ་ཕེབས་གནང་ཡི། དེ་ཡང་ ཟླ་ངོ་དྲུག་གི་རིང་ལུ་ སྤུ་ན་ཁ་ལུ་བཞུགས་ནི་ཨིནམ་ལས་ རང་ཟླ་ ༤ པའི་ཚེས་ ༡ ལུ་ ལོག་བྱཱར་གྱི་བཞུགས་གནས་ཐིམ་ཕུ་ལུ་ཕེབས་གནང་ནི་ཨིན། ཨིན་རུང་ ད་རེས་ནད་ཡམས་ཀྱི་དུས་སྐབས་ལུ་ སྔར་སྲོལ་བཞིན་དུ་ དགུང་ཞག་ཕྲིན་ལས་སྒང་ལུ་མ་བཞུགས་པར་ ཕྲངམ་ཕྲང་ས་ར་སྤུ་ན་ཁ་ལུ་བྱོན་ཡི། སྲོལ་འདི་ཡང་ དུས་རབས་ ༡༧ པའི་ནང་ ཞབས་དྲུང་རིན་པོ་ཆེ་གིས་ ཆོས་སྲིད་ལུགས་གཉིས་ཀྱི་ཐོག་ལས་སྲིད་སྐྱོང་མཛད་པའི་སྐབས་ གཞི་བཙུགས་མཛད་གནང་ཡོད་མི་འདི་ ད་རེས་ཡང་སྲོལ་མ་ཉམས་པར་ཡོདཔ་ཨིན།

line

soelthab

Machansoelthab