སྤུངས་ཐང་ཁ་རྫོང་ཁག་ སྟོད་ཝང་རྒེད་འོག་གི་བསམ་ལྡིང་ཁ་གཡུས་ཚན་ནང་ལུ་ནོར་གི་འགྲེམ་སྟོན ༢༠༢༠།

10 January 2020

སྒོ་ནོར་སྡེ་ཚན་གྱི་རྫོང་ཁག་བདག་སྐྱོང་དང་མཉམ་རུབ་ཀྱི་ཐོག་ལས་ སྤྱི་ཚེས་ ༡༠-༠༡-༢༠༢༠ ལུ་ སྟོད་ཝང་རྒེད་འོག་ སམ་དིང་ཁ་ལུ་འབད་སྒོ་ནོར་འགྲེམ་སྟོན་འགོ་འདྲེན་འཐབ་གནང་ཡི། འགྲེམ་སྟོན་ལས་རིམ་འདི་ཡང་ ཕྱི་འབྲེལ་བློན་པོ་རྟ་མགྲིན་རྡོ་རྗེ་གི་བརྗིད་འགྲོས་གནང་ཡི། རྫོང་ཁག་བདག་སྐྱོང་གི་གཞི་གཡོགཔ་དང་ཆུ་སྦུག་རྒེད་འོག་བདག་སྐྱོང་གི་གཞི་གཡོགཔ་དེ་ལས་མི་སེར ༢༥༠ ལྷགཔ་ཅིག་གི་ལས་རིམ་འདི་ནང་གྲལ་གཏོགས་མཛད་གནང་ཡི། 

ལས་རིམ་འདི་ཡང་ མི་སེར་སོ་ནམ་པ་ཚུ་ལུ་ འཐོན་ཤུ་ཆེ་བའི་སྒོ་ནོར་གྱི་རིགས་ལག་ལེག་འཐབ་ནི་ལུ་བརྩོན་ཤུག་སྐྱེད་ཅུ་ནི་དོན་ལུ་ཨིན་མས། ལས་རིམ་འདི་ནང་གི་དྲང་དཔོན་ཚུ་གི་ རྒྱ་སི་ནོར་ ༡༥༠ དེ་ཅིག་སྤུས་ཚད་མཛད་གནང་ཡི། དབང་འདུས་ཕོ་བྲང་ལུང་ཕྱོགས་སྒོ་ནོར་ཡར་རྒྱས་ལྟེ་བ་གི་ཡང་རས་རིམ་འདི་ནང་ སྒོ་ནོར་གསོ་བའི་འཕྲོས་སྟོན་དང་ སེར་སྦྱང༌གསོ་སྐྱོང་དང་སྐོ་ནོར་འཐོན་སྐྱེད་ཚུ་འགྲེམ་སྟོན་འབད་ཡི། ལས་རིམ་འདི་ནང་འཛོམས་འདི་ཡོད་མི་མ་སེར་ཚུ་གི་དོན་ལུ་་ དྲི་བ་དྲིས་ལན་གྱི་འགྲན་བསྡུར་ཅིག་ཡང་འགོ་འདྲེན་འཐབ་གནང་ཡི།

སྒོ་ནོར་འགྲེམ་སྟོན་འདི་ཡང་ ནོར་དྲག་ཤོས་འཐོན་ཡོད་མི་ཚུ་ལུ་ དངུལ་རྐྱང་དང་སེམས་གསོ་གི་གསོལ་རས་ཚུ་གནང་ཐོག་ལས་འགྲོལ་གནང་ཡི།