ཞི་གཡོག་གི་རྟགས་མ་ ༢༠༢༡།

09 December 2021

གནམ་ལོ་ ༢༠༢༡ དབྱིན་ཟླ་ ༡༢ པའི་དབྱིན་ཚེས་ ༩ ལུ་ རྫོང་ཁག་བདག་སྐྱོང་སྤུངས་ཐང་ཁ་གིས་   ཁུ་རུ་ཐང་འབྲིང་རིམ་སློབ་གྲྭ་གི་དགོས་དོན་སྣ་མང་གི་ཁང་ནང་ གཞི་གཡོག་ ༨༨  ལུ་ རྒྱལ་གཞུང་ཞི་གཡོག་གི་རྟགས་མ་གྱི་ལས་རིམ་འདི་འགྲོ་འདྲེན་འཐབ་མི་ནང་  དྲགོས་རྫོང་བདག་མཆོག་གི་དབུ་བཞུགས་མཛད་གནང་ཡི།

རྒྱལ་གཞུང་གཞི་གཡོག་གི་རྟགས་མ་འདི་ གཞི་གཡོགཔ་ཚུ་གིས་གཞུང་ཞབས་རྩ་བ་གསུམ་ལུ་ ཐ་དམ་ཚིག་ཐོག་ལས་ ཕྱག་ཕྱིད་གང་དྲག་ཞུ་མི་ ངོས་འཛིན་ལུ་གནངམ་ཨིན།

དྲགོས་རྫོང་བདག་མཆོག་གིས་ རྟགས་མ་ཞུ་མི་གཞི་གཡོག་ཆ་མཉམ་ལུ་ བཀྲིས་བདེ་ལེགས་དང་ཐུགས་སྨོན་ཚུ་གནང་ཡི།  ལྷག་པར་དུ་དྲགོས་མཆོག་གིས་ཁོང་རྟགས་མ་འཐོབ་མི་ཚུ་གི་ གཞི་གཡོག་གཞན་མི་ཚུ་ཡང་སེམས་ཤུགས་བསྐྱེད་བཅུག་ནི་དང་  ད་ལ་ཕར་ཡང་གཞུང་ཞབས་རྩ་བ་གསུམ་ལུ་ ཐ་དམ་ཚིག་ཐོག་ལས་ཕྱག་ཞུ་དགོཔ་ཨིནམ་པས་གསུང་ཡི།

རྫོང་ཁག་བདག་སྐྱོང་སྤུངས་ཐང་ཁ་གིས་ རྟགས་མ་ཞུ་མི་གཞི་གཡོག་ ༨༨ ལུ་ བཀྲིས་བདེ་ལེགས་ཕུལཝ་ཨིན

 

marchangmarchangaward