ལོ་གྲངས་ཚང་སྟེ་དགོངས་ཞུ་འབད་མི་གཞི་གཡོགཔ་ལུ་ཁ་བྲལ་ལེགས་སྨོན།

07 October 2022

སྤུངས་ན་ཁ་རྫོང་ཁག་བདག་སྐྱོང་གི་ ནང་འགྲིག་འགོ་དཔོན་གཙོ་བོར་  ལོ་ངོ་ ༣༤་དང་ཟླ་ངོ་༦་ ཕྱག་ཞུ་མི་སློབ་དཔོན་གནམ་རྒྱལ་རྡོ་རྗེ་ལུ་ བྲལ་སྨོན་ཕུལཝ་ཨིན།

 རྫོང་ཁག་བདག་སྐྱོང་ཀྱིས་དྲགོས་རྫོང་བདག་མཆོག་གིས་ ཁོལུ་ རྩ་བ་གསུམ་ལུ་ཕྱག་ཕྱིད་གང་དྲག་ཞུ་མི་ལུ་ མི་ཚེ་གཅིག་ལཱ་ཤུལ་གྱི་རྟགས་མ་དང་ བཀྲིས་བདེ་ལེགས་ཀྱི་ལག་ཁྱེར་གནང་ཡི། 

གནམ་རྒྱལ་རྡོ་རྗེ་གྱི་གཞི་གཡོག་ནང་ དབྱིན་ཟླ་༣་པའི་ དབྱིན་ཚེས་༢༣་ གནམ་ལོ་༡༩༨༨་ལུ་སློབ་དཔོན་སྦེ་འཟུལ་ཞུ་འབད་ནུག་