རྒྱ་གར་གྱི་གཞུང་ཚབ་་ཅི་ར་ཀམ་བོཇ་མཆོག་ སྤུངས་ན་ཁ་རྫོང་ཁག་ནང་ གཟིགས་སྐོར་གནང་འདི་ཡོདཔ་ཨིན།

29 September 2021

རྒྱ་གར་གྱི་གཞུང་་ཅི་ར་ཀམ་བོཇ་ཚབ་མཆོག་ སྤུངས་ན་ཁ་རྫོང་ཁག་ནང་ གཟིགས་སྐོར་གནང་འདི་ཡོདཔ་ཨིན།

དབྱིན་ཟླ་༩་པའི་སྤྱི་ཚེས་༢༩་ལུ་ ཁུ་རུ་ཐང་ལུ་ཡོད་པའི་ རྩེད་རིགས་སྣ་ཚོགས་ཀྱི་ཁྱིམ་ཚོགས་ནང་ སྤུངས་ན་ཁ་གི་དྲགོས་རྫོང་བདག་དང་ འགན་འཛིན་པ་ཚུ་གིས་རྒྱ་གར་གྱི་གཞུང་ཚབ་་ཅི་ར་ཀམ་བོཇ་མཆོག་ཕེབས་བསུ་ཞུ་འདི་ཡོདཔ་ཨིན།

དེ་ནང་ལུ་ དྲགོས་རྫོང་བདག་མཆོག་གི་ སྤུངས་ན་ཁ་གི་མི་སེར་ཡོངས་ཀྱི་ཧོངས་ལས་ རྒྱ་གར་གཞུང་ཚབ་་ཅི་ར་ཀམ་བོཇ་མཆོག་ལུ་དང་ རྒྱ་གར་གཞུང་གི་གཏོང་ཕོད་ཆེན་པོའི་སྒོ་ལས་སྤུངས་ན་ཁ་རྫོང་ཁག་ལུ་གྲོགས་རམ་གནང་མི་ལུ་ སེམས་ཀྱི་གདིང་ལས་རང་བཀའ་དྲིན་དགའ་ཚོར་ཞུ་དེ་ཡོདཔ་ཨིན། རྒྱ་གར་གཞུང་ཚབ་མཆོག་གི་ རྒྱ་གར་གཞུང་གི་དངུལ་འབྲེལ་གྱི་གྲོགས་རམ་ཐོགས་ལས་བཟོ་མི་ རྩེད་རིགས་སྣ་ཚོགས་ཀྱི་ཁྱིམ་ཚོགས་ནང་གཟིགས་སྐོར་གནང་ཡོདཔ་ཨིན།  རྩེད་རིགས་སྣ་ཚོགས་ཀྱི་ཁྱིམ་ཚོགས་ཀྱི་རྩེད་རིགས་ལུ་སྤྲོ་ཤུགས་ཡོད་མི་ཚུ་ལུ་དང་ ལྷག་པར་དུ་ སྤུངས་ན་ཁའི་ན་གཞོན་ཚུ་ལུ་ཕན་ཐོགས་སྦོམ་འབྱུང་ཡོདཔ་ཨིན་པས། དེ་མ་ཚད་ རྒྱ་གར་གཞུང་གི་གྲོགས་རམ་དང་རྒྱབ་སྐྱོར་ཐོགས་ ཁྲོམ་སྡེའི་ཡིག་ཚང་བཟོ་སྐྲུན་འབད་བའི་སྒང་ཡོད་མི་ནང་ཡང་ གཟིགས་སྐོར་གནང་འདི་ཡོདཔ་ཨིན།  རྒྱ་གར་གྱི་གཞུང་ཚབ་མཆོག་ རྩེད་རིགས་སྣ་ཚོགས་ཁང་འདི་ སྤུངས་ན་ཁའི་མི་སེར་ཚུ་གི་ ལས་རིམ་སྣ་ཚོགས་ནང་ལག་ལེན་ཐབས་ཚུགས་མི་ལུ་ བསམ་པ་རྫོགས་ཡོདཔ། ད་རུང་རྒྱ་གར་གཞུང་ཚབ་ཀྱི་ འབྲུག་རྒྱལ་ཁབ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་བར་གཞན་དང་མ་འདྲཝ་བའི་མཐུན་ལམ་ཡོདཔ་སྐོར་ལས་གསུངས་ཡོདཔ།

མཇུག་ར་དྲགོས་རྫོང་བདག་མཆོག་གི་ རྒྱ་གར་གཞུང་ཚབ་ལུ་ དུས་ཚོད་བཏོན་འདི་རྫོང་ཁག་ནང་གཟིགས་སྐོར་བྱོན་མི་ལུ་ བཀའ་དྲིན་དགའ་ཚོར་བསམ་འདི་ཡོདཔ་ཨིན།